![西藏嘉黎:藏北高原桃花开出致富好“钱”景](https://ti.tibet3.com/photos/pic/2024-04/19/500033310_95edad1f-6f76-4360-9d0f-593dbceee3a5.jpg)
![](https://ti.tibet3.com/photos/pic/2024-04/19/500033310_ff3414fa-ee58-4e31-a84c-6e3fd59a937a.jpg)
![](https://ti.tibet3.com/photos/pic/2024-04/19/500033310_1d82e259-1df8-4569-bc44-00cfc1f46fe4.jpg)
![](https://ti.tibet3.com/photos/pic/2024-04/19/500033310_b142d376-3d7c-4474-b7da-911df78e148a.jpg)
![](https://ti.tibet3.com/photos/pic/2024-04/19/500033310_8899af9a-7df3-4f05-95e7-c5f4c00f3aa2.jpg)
![](https://ti.tibet3.com/photos/pic/2024-04/19/500033310_2ccc622f-6c8b-4dd7-b053-969f151c513b.jpg)
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་ཉི་འོད་ཤང་འགྲམ་རྒྱུད་ཀྱི་ཁམ་བུའི་མེ་ཏོག་རིམ་བཞིན་བཞད་པས། མེ་ཏོག་གི་འདབ་མ་རེ་རེ་ནི་མཚམས་སྤྲིན་སར་ལྷུང་པ་དང་འདྲ། བོད་གྲོང་དང་ཁམ་བུའི་མེ་ཏོག་གཅིག་གིས་གཅིག་བརྒྱན་ནས་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་རེད། ཉེ་བའི་ལོ་ཤས་རིང་། ལྷ་རི་རྫོང་གིས་རང་བྱུང་ཐོན་ཁུངས་ལེགས་ཆར་བརྟེན་ནས་ཤུགས་ཆེན་པོས་ཁྱད་ལྡན་ཡུལ་སྐོར་ལས་རིགས་འཕེལ་རྒྱས་སུ་བཏང་བས། གྲོང་གསེབ་འཛུགས་སྐྲུན་དང་རང་བྱུང་སྐྱེ་ཁམས་ཁོར་ཡུག་ནུས་ལྡན་ངང་མཉམ་འདྲེས་བྱས་པ་མ་ཟད། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་བྱུང་ནས་གྲོང་མི་ཚོས་རང་གི་སྒོ་འགྲམ་ནས་ལས་ཞུགས་ལས་གཏོད་དང་འབབ་འཕར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱས། །