ཀྲུང་གོ་བད་ཀྱི་དྲ་་བ།

ལྷ་ས་གྲོང་ཁྱེར་གྱིས་བོད་ལྗོངས་ཡོངས་ཀྱི་སྔོན་ལ་དངུལ་རྩ་ཚོང་དོན་ཆུས་བཙུགས་པ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར། སྤེལ་དུས། : 2024-05-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཚེས18ཉིན། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཤིང་། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་བོད་རང་སྐྱོང་ལྗོངས་ས་གནས་དངུལ་རྩ་དོ་དམ་ཅུའུ། ལྷ་ས་མཐོ་གསར་ཁུལ་གྱི་འབྲེལ་ཡོད་འགན་ཁུར་མི་སྣ་བཅས་ཀྱིས་ལྷ་སའི་དངུལ་རྩ་ཚོང་དོན་ཆུས་བཙུགས་པའི་སྤྱིའི་གནས་ཚུལ་དང་འབྲེལ་ཡོད་སྲིད་ཇུས་བྱེད་ཐབས་ཕྱོགས་ནས་ངོ་སྤྲོད་བྱས།

ལྷ་ས་གྲོང་ཁྱེར་ཨུ་ལྷན་གྱི་འབྲེལ་ཡོད་འགན་ཁུར་མི་སྣས། དངུལ་རྩ་ཐོན་ལས་ཀྱིས་འཕེལ་རྒྱས་གཙོ་བོ་འཛིན་ནས་ངེས་པར་དུ་དངུལ་རྩ་ཚོང་དོན་ཆུས་བཙུགས་ནས། མཐོ་གསར་ཁུལ་གྱིདོན་འགྲ“བྱང་ཕྱོགས་སྒྲིག་འཛུགས”དངུལ་རྩ་ཚོང་དོན་ཆུས་ཀྱི་ལྟེ་གནས་སུ་བྱས་ནས། དངུལ་རྩ་ཡིས་གསོ་སྐྱོང་རྣམ་གྲངས་འགུགས་པ་དང་། རིམ་བཞིན་དངུལ་རྩ་ཚོང་དོན་ཆུས་རྩ་འཛུགས་འཐུས་ཚང་དང་གསར་སྐྲུན་གསོན་ཤུགས་ལྡན་པ། ནུས་བ་ཆ་ཚང་བ། ཞབས་ཞུ་ནུས་མཐོའི་བོད་ལྗོངས་ཡོངས་ཀྱི་དངུལ་རྩ་ལྟེ་གནས་སུ་སྒྱུར་དགོས་ཟེར།

བོད་ལྗོངས་ཀྱི་མིག་སྔར་བཏོད་པའི་དངུལ་རྩ་ཚོང་དོན་ཆུས་དང་པོ་ཡིན་པའི་ངོས་ནས། ལྷ་ས་གྲོང་ཁྱེར་གྱིས་སྔོན་ཐོན་ཞིང་ཆེན་དང་གྲོང་ཁྱེར་ཚད་གཞི་ལྟར། ཚོང་འགུགས་སྐུལ་ལྕག་དང་སྒྲིག་གཞི་ནང་འདུག ཁེ་ལས་ཚོང་རར་འདོན་པ། གཞིས་ཆགས་དགའ་རྟགས། ཤེས་ལྡན་པའི་མི་སྣའི་དགས་རྟགས། རྩ་འཛུགས་དང་ཁོར་ཡུག་འགན་སྲུང་སོགས་ཀྱི་ཕྱོགས་མང་པོ་ནས་གཟིགས་སྐྱོང་སྲིད་ཇུས་བཏོན་ནས། དངུལ་རྩ་ཚོང་དོན་ཆུས་ནང་ཞུགས་མཁན་གྱི་ཆ་རྐྱེན་ཚང་བའི་ཁེ་ལས་དང་མི་སྒེར་ལ་ཆེས་མཐོ་ན་སྒོར5000དགའ་རྟགས་དང་ཆེས་དམའ9%གི་ཁེ་ལས་ཐོབ་ཁྲལ་ཁྲལ་ཚད་བསྡུ་རྒྱུ་ཡིན། 

རྒྱུས་ལོན་ལྟར་ན། ལྷ་སའི་དངུལ་རྩ་ཚོང་དོན་ཆུས་ཀྱི་འཕེལ་རྒྱས་དམིགས་ཡུལ་ནི། 2024ལོའི་ལོ་མཇུག་བར་དུ་དངུལ་རྩ་ཚོང་དོན་ཆུས་འཛུགས་སྐྲུན་རགས་ཙམ་ཆགས་རྒྱུ་སྐུལ་འདེད་དང་། 2026ལོའི་ལོ་མཇུག་བར་དུ་དངུལ་རྩ་ཚོང་དོན་ཆུས་འཛུགས་སྐྲུན་གཞི་རྩ་ནས་འཛུགས་སྐྲུན་ཟིན་རྒྱུ། 2030ལོའི་ལོ་མཇུག་བར་དུ་དངུལ་རྩ་ཚོང་དོན་ཆུས་དེ་བོད་ལྗོངས་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་ཞུ་སྒྲུབ་པའི་དམིགས་ས་གསར་བ་དང་ནུས་རྒྱུད་དངུལ་རྩ་ཐོན་ལས་འཕེལ་རྒྱས་ཀྱི་མིང་བྱང་གསར་བ། རང་རྒྱལ་གྱིས་ཨེ་ཤ་ཡ་ལྷོ་མར་ཁ་གཏོད་པའི་བགྲོད་ལམ་གལ་ཆེན3942;ར་བར་སྒྱུར་དགོས།།

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།