ཀྲུང་གོ་བོད་ཀྱི་དྲ་བ།

ཡུས་ཧྲུའུ་ཁུལ་གྱིས་སྲོལ་རྒྱུན་སྡེ་བ་སྲུང་སྐྱོང་བྱས་ནས་གྲོང་གསེབ་དར་སྤེལ་གཏོང་བར་རོགས་འདེགས་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར། སྤེལ་དུས། : 2024-05-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཟླ5པའི་ཚེས15ཉིན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་སྡོམ་མདའ་གྲོང་རྡལ་བྲག་དཀར་སྡེ་བ་རུ་ལས་བཟོ་པ་ཚོས་སྒོ་རའི་ནང་གྱང་ཉམས་གསོ་བྱེད་བཞིན་ཡོད་པ་དང་། སྡེ་བ་འདི་ནི་ཀྲུང་གོའི་སྲོལ་རྒྱུན་སྡེ་བའ་མིང་ཐོ་ནང་ཚུད་པའི་སྡེ་བ་ཁག་བཞི་པ་རེད། ད་ལོ་ནས་བཟུང་ཡུས་ཧྲུའུ་ཁུལ་གྱིས་མཛེས་སྡུག་ལྡན་པའི་གྲོང་གསེབ་དང་མཛེས་སྡུག་ལྡན་པའི་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་ལ་བརྟེན་ནས། ལོ་རྒྱུས་རིག་གནས་ཀྱི་རིན་ཐང་ལྡན་པའི་གནའ་བོའི་འཛུགས་སྐྲུན་དང་གནའ་བོའི་གནའ་ཤུལ་རྒྱུན་ཆད་མེད་པར་སྲུང་སྐྱོང་ཉམས་གསོ་བྱེད་པ་དང་། མྱུར་སྐྱོབ་རྣམ་པའི་ཐོག་ནས་རང་ཡུལ་གྱི་རིག་གནས་སྲུང་སྐྱོང་བྱས་ཏེ་མཐོང་ཆེན་བྱེད་པ་དང་སྲུང་སྐྱོབ་བྱེད་པ། ལྟ་སྐུལ་བྱེད་པ་བཅས་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཁྲོད་སྲོལ་རྒྱུན་གྲོང་སྡེའི་ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱས་ཏེ། ཕན་འབྲས་ཡོད་པའི་སྒོ་ནས་གྲོང་གསེབ་དར་སྤེལ་གཏོང་བར་རོགས་འདེགས་བྱས།

ཡུས་ཧྲུའུ་ཁུལ་གྱིསཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་སྲོལ་རྒྱུན་སྡེ་བའི་སྲུང་སྐྱོང་སྲོལ་ཡིག》ཁྱབ་བསྒྲགས་ལག་བསྟར་བྱས་པ་མ་ཟད། ལོ་རྒྱུས་རིག་གནས་ཀྱི་མཁར་གྲོང་དང་སྡེ་བ་གྲགས་ཅན་སྲུང་སྐྱོང་སྲོལ་ཡིག》ལ་དམ་པོར་དམིགས་ནས་སྔ་གཞུག་ཏུསྲོལ་རྒྱུན་སྡེ་བའི་འཛུགས་སྐྲུན་རང་བཞིན་གྱི་འཆར་འགོད》སོགས་ཆེད་དོན་འཆར་འགོད10ལྷག་བཟོས་ནས། གྲོང་ཁྱེར་འཛུགས་སྐྲུན་གསར་སྤེལ་འཆར་འགོད་མ་ལག་རིམ་བཞིན་ཆགས་པ་དང་། ཚོད་འཛིན་འཛུགས་སྐྲུན་ཁུལ་དང་། ལྷོད་གཏོང་འཛུགས་སྐྲུན་ཁུལ། གསར་སྤེལ་འཛུགས་སྐྲུན་ཁུལ་བཅས་ལུགས་མཐུན་གྱིས་དབྱེ་བ་འབྱེད་པ། སྲོལ་རྒྱུན་སྡེ་བའི་དེང་རབས་འཛུགས་སྐྲུན་ནང་འདྲེས་པར་3923;་བྱས་ནསྲོལ་རྒྱུ8;་ལས་དོན་གོ་;ེད་གཏོང་རྒྱུ་འགན་ལེན་བྱས་པའི་དུས་མཚུངས་སུ། གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་དང་ཟུང་འབྲེལ་བྱས་ཏེ། སྲོལ་རྒྱུན་སྡེ་བའི་སྤྱི་པའི་ཞབས་ཞུ་དང་རྨང་གཞིའི་སྒྲིག་བཀོད་ལ་མ་འཇོག་འཛུགས་སྐྲུན་ལེགས་འགྲུབ་བྱུང་ཡོད་ལ། སྔར་ལས་ལྷག་པར་འགྲོ་ལམ་སྲང་ལམ་དང་གྱང་ངོས། སྡེ་བའི་རྣམ་པ་བཅོས་སྒྲིག་དང་། འོད་གསལ་མཛེས་སྤྱོད། ཁོར་ཡུག་གཙང་སྦྲ་སོགས་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་བཟོ་བཅོས་དང་འཐུས་ཚང་དུ་བཏང་ནས། མང་ཚོགས་འཚོ་སྡོད་འཚམ་པའི་འཚོ་བ་དང་གནའ་བོའི་འཛུགས་སྐྲུན་སྲུང་སྐྱོང་བྱེད་པར་ནུས་ཤུགས་ཡོད་རྒུས་མཐུན་རྐྱེན་བསྐྲུན།  །  

 
རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།