ཀྲུང་གོ་བོད་ཀྱི་དྲ་བ།

ཚྭ་འདམ་གཞོང་གིབྱང་གསུམ”བཟོ་སྐྲུན་མཁྲེགས་གཏོར་དམག་འཐབ་ཀྱི་གཙོ་གནད་ལས་གཞི་སྤེལ་མགོ་བརྩམས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར། སྤེལ་དུས། : 2024-05-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲེིན།ཟླ5པའི་ཚེས16ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡིབྱང་གསུམ”བཟོ་སྐྲུན་བྱ་བའི་དོ་དམ་ཆེད་ལས་གཞུང་ལས་ཁང་ནས་རྒྱུས་ལོན་པ་ལྟར་ན། རྨ་ནུབ་དོག་ལམ་ཐ་ཁི་ལ་མ་ཀན་བྱེ་ཐང་མཐའ་འཁོར་གྱི་མཁྲེགས་གཏོར་དམག་འཐབ་མཚོ་སྔོན་ཡུག་ཁུལ་ཚྭ་འདམ་གཞོང་སའི་མྱ་ངམ་ཐང་འགོག་བཅོས་དང་སྐྱེ་ཁམས་སླར་གསོའི་ལས་གཞི་དེ་ཟླ5ཚེས11ཉིན་གཏེར་ལེན་ཁ་གྲོང་ཁྱེར་ཀ་ཧའེ་གྲོང་རྡལ་ཐའོ་ཧ་སྡེ་བར་ལག་བསྟར་བྱེད་མགོ་བརྩམས་པ་དང་། གཙོ་གནད་ལས་གཞི་ཁག་དང་པོ་ཡིན་པའི་ཆ་ནས། ལས་གཞི་དེ་ལས་མགོ་བརྩམས་པའི་ཐོག་ནས་ཞིང་ཆེན་ཡོངས་ཀྱིབྱང་གསུམ”བཟོ་སྐྲུན་མཁྲེགས་གཏོར་དམག་འཐབ་ཕྱོགས་ཡོངས་ནས་སྤེལ་མགོ་བརྩམས་པ་མཚོན།

མཚོ་སྔོན་ཞིང་ཆེན་གྱི་མྱ་ངམ་ཐང་དང་བྱེ་འགྱུར་ས་ཆའི་གཞི་ཁྱོན་ཆེ་བ་དང་ཁྱབ་རྒྱ་ཆེ་བ། ས་བབ་མཐོ་བ་བཅས་ནི་རྒྱལ་ཡོངས་ཀྱི་བྱེ་འགོག་བྱེ་བཅོས་དངབྱང་གསུམ”བཟོ་སྐྲུན་གྱི་གཙོ་གནད་ས་ཁོངས་ཤིག་ཡིན། རྒྱལ་ཡོངས་ཀྱི་མྱ་ངམ་ཐང་དང་བྱེ་འགྱུར་ས་ཆའི་ལྟ་ཞིབ་ཚད་ལེན་ཐེངས6པ་ལས་མངོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་ད་ཡོད་བྱེ་འགྱུར་ས་ཆའི་རྒྱ་ཁྱོན་སྤྱི་ཆིང་ཁྲི1235.54ལྷག་ཟིན་པ་དེས་རྒྱལ་ཁབ་ས་ཆའི་སྤྱིའི་རྒྱ་ཁྱོན་གྱི17.7%བཟུང་བ་དང་། མྱ་ངམ་ཐང་དུ་འགྱུར་བའི་ས་ཆའི་རྒྱ་ཁྱོན་སྤྱི་ཆིང་ཁྲི1894.78ལྷག་ཟིན་པ་དེས་རྒྱལ་ཁབ་ས་ཆའི་སྤྱིའི་རྒྱ་ཁྱོན་གྱི27.2%བཟུང་ནས། སོ་སོར་རྒྱལ་ཡོངས་ཀྱི་ཨང4པ་དང་ཨང5པར་སླེབས་ཡོད། ལོ40ལྷག་གི་3851; 4;ས་སྐྱོང་གཏིང་ཟབ་བྱས་ཏེ།བྱང་གསུམ”བཟོ་སྐྲུན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་། གཞི་ཁྱོན་ཆེ་བའི་རྒྱལ་ལྗོངས་ལྗང་བསྒྱུར་བྱ་སྤྱོད་རྒྱུན་མཐུད་ངང་སྤེལ་ནས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་བྱེ་འགོག་བྱེ་བཅོས་ཀྱི་ལམ་བུ་ཞིག་བཏོད་པ་དང་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏོང་བར་བྱས་རྗེས་བཞག

མཚོ་ནུབ་ཁུལ་ནི་མཚོ་སྔོན་གྱི་བྱེ་འགོག་བྱེ་བཅོས་དངབྱང་གསིན་པ་དང3986;ྱ་ཁྱོན་ཆེ་བ1;བའི་ས་ཁུལ་ཡིན་པའི་ཆ་ནས། ཁུལ་དེས་བྱེ་འགྱུར་ས་ཆའི་བཀག་སྡོམ་སྲུང་སྐྱོབ་དང་བྱེ་འགོག་བྱེ་བཅོས་ཕྱོགས་བསྡུས་དཔེ་སྟོན་ཁུལ་འཛུགས་སྐྲུན་སོགས་སྐྱེ་ཁམས་ལས་གཞི་རྒྱུན་འཁྱོངས་ལྷོད་མེད་ངང་ལག་བསྟར་བྱས་པ་བརྒྱུད། ནགས་ཚལ་དང་རྩྭ་ཐང་གི་རྒྱ་ཁྱོན་དང་ཁེབས་ཚད་ཐདགཉིས་འཕར”གྱི་རྣམ་པ་མངོན་ཡོད། ཤེས་གསལ་ལྟར་ན།བྱང་གསུམ” བཟོ་སྐྲུན་གྱི་དུས་ཐེངས6པ་དང་མཁྲེགས་གཏོར་དམག་འཐབ་ཁྲོད། མཚོ་ནུབ་ཁུལ་གྱིས་བྱེ་འགྱུར་ས་ཆ་ཕྱོགས་བསྡུས་བཅོས་སྐྱོང་སྤྱི་ཆིང་ཁྲི22.089ལྷག་དང་།བྱེ་3908;་ཁྲི1.716ལེགས་འགྲུབ་བྱས་ཏེ། གྲུབ་འབྲས་སྤྱི་ཆིང་ཁྲི22.302ལྷག་སྲ་བརྟན་དུ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་བྱེ་འགོག་བྱེ་བཅོས་ཀྱི་སྤྱི་ཁོག་ཁྲོད་ནུས་པ་གལ་ཆེན་ཐོན།  ། 

 
རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།