ཀྲུང་གོ་བད་ཀྱི་དྲ་་བ།

ཡུས་ཧྲུའུ་གྲོང་ཁྱེར་གྱིས་རྒྱལ་དབང་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། : རྡོ་རྗེ་སྐྱིད་ཀྱིས་བསྒྱུར། སྤེལ་དུས། : 2024-05-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།མཚོ་སྔོན་ཞིང་ཆེན་ཡ4018;ུའུ་གྲོང་ཁྱེ8;ྩ་འཛུགས་ཀྱི;ར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཤིང་། གཞི་རིམ་ཏང་འཛུགས་སྐྱོང་གི་གཅིག་ཅན་དྲུག་དང་ལས་བྱེད་པས་ལས་ཀ་ལས་པ་དང་། རིག་ལམ་གསལ་བོ་ཡིན་པ། རང་གཅུན་ནན་མོ་བཅས་ཀྱི་བྱ་བའི་བླང་བྱ་ནན་ཏན་གྱིས་ལག་བསྟར་དོན་འཁྱོལ་བྱས་ཏེ། བྲེལ་བ་དང་ཞིབ་ཚགས། གཟབ་ནན་བཅས་ཀྱི་བྱ་བའི་རྣམ་པའི་ཐོག་ནས་རྒྱལ་དབང་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལས་དོན་སྔར་བས་གཏིང་ཇེ་ཟབ་དང་དོན་དངོས་ཅན་དུ་གཏོང་བར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་། 

ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་རྒྱུར་རྒྱུན་འཁྱོངས་བྱས་ནས་རྒྱལ་དབང་ཁེ་ལས་ཀྱི་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་ཇེ་ཆེར་བཏང་། ཡུས་ཧྲུའུ་གྲོང་ཁྱེར་གྱིས་གཞུང་ལུགས་སློབ་སྦྱོང་དང་ལས་དོན་གསར་སྐྲུན། དག་ཐེར་ལེགས་བཅོས་ལ་ལྟ་ཞིབ་བྱེད་པའི་ལས་དོན་སོ་སོར་སྐུལ་འདེད་བཏང་ནས། བརྗོད་དོན་སློབ་གསོ་དེ་རྒྱལ་དབང་ཁེ་ལས་ཁྲོད་ནས་བདེ་བླག་ངང་མཇུག་སྒྲིལ་བར་སྐུལ་འདེད་ནུས་ལྡན་བཏང་། དུས་མཚུངས་སུ། སློབ་སྦྱོང་སློབ་གསོར་ཤུགས་བསྣན་པ་དང་གྱོད་གཞི་ལ་བརྟེན་ནས་དག་ཐེར་ལ་ཡར་སྐུལ་གཏོང་བའི་སློབ་གསོ་དག་ཐེར་གྱི་ཆེད་དོན་བྱེད་སྒོ་རྒྱུན་མཐུད་ངང་གཏིང་ཇེ་ཟབ་ཏུ་བཏང་ནས། རྒྱལ་དབང་ཁེ་ལས་ཁྱབ་ཁོངས་ཁྲོད་ཀྱི་ཏང་ཡོན་གྱིས་སྒྲིག་ལམ་བརྩི་སྲུང་དང་སྒྲིག་ལམ་ཤེས་རྟོགས་བྱེད་པར་སྣེ་ཁྲིད་བྱས། 

བྱ་བའི་གཙོ་གནད་འབུར་དུ་དོད་དེ་རྒྱལ་དབང་ཁེ་ལས་ཀྱི་ཏང་རྩ་འཛུགས་ཀྱི་ནུས་པ་ཧུར་ཐག་གིས་ཇེ་དྲག་ཏུ་བཏང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་དབང་ཁེ་ལས་ཐད་གནང་བའི་ལག་བསྟར་བྱེད་དགོས་པ་གཉིས་ཀྱི་མཛུབ་སྟོན་དགོངས་དོན་ནན་ཏན་གྱིས་ལག་བསྟར་བྱས་པ་དང་  གྲོང་ཁྱེར་ཡོངས་ཀྱི་རྒྱལ་དབང་ཁེ་ལས་སོ་སོའི་ཏང་འཛུགས་ལས་དོན་མངོན་འགྱུར་བྱུང་།ཕྱོགས་གཉིས་ཕན་ཚུན་དཔྱད་བསྡུར་དང་ཕན་ཚུན་ལས་འགན་འཁུར་བའི”ལམ་སྲོལ་ལག་བསྟར་བྱས་ཏེ། རྒྱལ་དབང་ཁེ་ལས་ཀྱི་ཏང་གི་རྩ་འཛུགས་དང་ལས་དོན་གྱི་ཁེབས་པ་གཉིས་དང་ལས་དོན་ལ་ལས་ཆོད་ལྡན་པ་མངོན་འགྱུར་ཡོང་བར་སྐུལ་འདེད་བཏང་།  

དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ནས་རྒྱལ་དབང་ཁེ་ལས་ཀྱི་ཏང་རྩ་འཛུགས་ཀྱི་ཞབས་ཞུའི་ནུས་པ་ཤུགས་ཆེ་རུ་བཏང་།  རྒྱལ་དབང་ཁེ་ལས་སོ་སོའི་ཏང་ཀྲི་པུའུ་གཞི་རིམ་བཅོས་སྐྱོང་ནང་གཏིང་ཟབ་ཏུ་འདྲེས་པར་སྐུལ་འདེད་བཏང་བ་དང་དམངས་འཚོའི་ཞབས་ཞུ་ཧུར་ཐག་གིས་སྤེལ་བར་སྐུལ་འདེད་བཏང་།   ལོ་མགོ་ནས་བཟུང་རྒྱལ་དབང་ཁེ་ལས་སོ་སོའི་ཏང་ཀྲི་པུའུ་ཡིསམཉམ་སྐྲུན་མཉམ་གཏོད”དངགཅིག་འབྲེལ་རོགས་གཉིས”ཀྱི་ལམ་སྲོལ་ལ་བརྟེན་ནས་མང་ཚོགས་ལ་དོན་དངོས་དོན་བཟང70ལྷག་བསྒྲུབས་ཤིང་། འཕྲལ་བསྟུན་མྱུར་སྐྱོབ་ཐེངས82ལེགས་གྲུབ་བྱུང་། མང་ཚོགས་ཀྱི་འཕྲིན་ཡིག་དང་བཅར་འདྲི་ལས་ཀ་དོན་ཚན85བདག་སྤྲོད་བྱས་ཏེ་ཁྱིམ་ཚང2000ལྷག་ལ་ཕན་པ་བསྐྲུན།

 
རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།