ཀྲུང་གོ་བད་ཀྱི་དྲ་་བ།

པད་མ་རྫོང་གིས་ལས་འཁྱུར་ངལ་གསོ་བྱེད་ལ་ཉེ་བའི་ལས་བྱེད་པའི་ཏང་འཛུགས་སྐྱོང་གི་བྱ་བའི་ཆུ་ཚད་ཁྱོན་ཡོངས་ནས་ཇེ་མཐོར་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། : རྡོ་རྗེ་སྐྱིད་ཀྱིས་བསྒྱུར། སྤེལ་དུས། : 2024-05-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་གིས་ལས་འཁྱུར་ངལ་གསོ་བྱེད་ལ་ཉེ་བའི་ལས་བྱེད་པའི་ཏང་འཛུགས་སྐྱོང་གི་ལས་དོན་ལ་ཤུགས་སྣོན་རྒྱུ་དེ་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་པའི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། འབྲེལ་ཡོད་ལས་ཁུངས་སོ་སོས་ལས་འཁྱུར་ངལ་གསོ་བྱེད་ལ་ཉེ་བའི་ལས་བྱེད་པའི་ཏང་ཀྲི་པུའུ་ཡི་བསམ་བློ་དང་རྩ་འཛུགས། ལམ་ལུགས་འཛུགས་སྐྱོང་བཅས་ཧུར་ཐག་གིས་དོན་འཁྱོལ་བྱས་ཏེ་ཏང་ཀྲི་པུའུ་དང་ཏང་ཡོན་གྱིས་ཀྲུང་གོ་ལུགས་ཀྱི་དེང་རབས་ཅན་གྱིམདོག་གསུམ་པད་མ”གསར་འཛུགས་ལ་སྐུལ་འདེད་གཏོང་བར་སོ་སོའི་སྟོབས་ཤུགས་ཕུལ། 

 རྒྱུས་ལོན་པ་ལྟར་ན།  པད་མ་རྫོང་གི་ལས་འཁྱུར་ངལ་གསོ་བྱེད་ལ་ཉེ་བའི་ལས་བྱེད་པའི་ཏང་ཀྲུ་པུའུ་ཡིས་རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་པ་དང་། ཏང་འཛུགས་སྐྱོང་གི་གསོན་ཤུགས་ལ་སྐུལ་སློང་བྱེད་པ། བསམ་བློ་འཛུགས་སྐྱོང་ལ་ཤུགས་སྣོན་པ། ལས་སྒྲུབ་ཀྱི་གསོན་ཤུགས་ལ་སྐུལ་སློང་བྱེད་པ་བཅས་ཀྱི་ཕྱོགས་བཞིའི་ཐད་ནས་མགོ་བརྩམས་ཏེ།  ལས་བྱེད་པ་རྒན་པས་ཏང་འཛུགས་སྐྱོང་གི་ལས་དོན་ལ་ཤུགས་སྣོན་པ་མ་ཟད།ལས་འཁྱུར་ངལ་གསོ་བྱེད་ལ་ཉེ་བའི་ལས་བྱེད་པའི་ཏང་ཀྲི་པུའུ་འཛུགས་སྐྱོང་དེ་རྫོང་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་སྐྱོང་གི་ལས་དོན་ཁྲོད་བཅུག་པ་དང་།   ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་དང་གཞི་རིམ་གྱི་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱེད་པའི་ལས་འགན་སྙན་ཞུའི་དཔྱད་བསྡུར་དཔྱད་ཞིབ་ནང་བཅུག   ཏང་འཛུགས་སྐྱོང་གི་གསོན་ཤུགས་ལ་སྐུལ་སློང་བྱེད་པའི་ཐད་པད་མ་རྫོང་གིས་ལས་བྱེད་པ་རྒན་པའི་བྱེད་སྒོ་སྤེལ་ཡུལ་འགན་ལེན་བྱས་པ་དང་།  དུས་མཚུངས་སུ་ད་དུང་ལས་བྱེད་པ་རྒན་གྲས་ཏང་ཀྲི་པུའུ་ཡི་ཏང་གི་གྲོན་དངུལ་ཕྱིར་སློག་ལས་དོན་ལ་ཤུགས་བསྣན་ཏེ་ཏང་གི་ཉིན་མོ་སོགས་བརྗོད་དོན་བྱེད་སྒོ་སྤེལ་བའི་ཐད་བཀོལ་ཏེ། ལས་བྱེད་པ་རྒན་གྲས་ཀྱི་བྱེད་སྒོའི་གྲོན་དངུལ་འགན་ལེན་དང་དོན་འཁྱོལ་ནན་མོ་བྱེད་ཐུབ་པ་བྱུང་།  གཞན་ད་དུང་། བློ་མཐུན་རྒན་པའི་བསམ་བློ་རྒྱུན་དུ་གསར་བ་དང་། ནམ་ཡང་ཕུགས་བསམ་ཡོད་པར་དམིགས་ཏེ་ལས་འཁྱུར་ངལ་གསོ་བྱེད་ལ་ཉེ་བའི་ལས་བྱེད་པའི་ཏང་ཀྲུ་པུའུ་ཡིས་ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག་དང་། ཏང་གི་ཉིན་མོའི་བརྗོད་དོན། སྐད་འཕྲིན་སྤྱི་སྟེགས་བཅས་བརྒྱུད་ནས་ཁྱབ་སྤེལ་གཏོང་བ་སོགས་ཀྱི་རྣམ་པར་བརྟེན་ནས། བློ་མཐུན་རྒན་པ་རྣམས་རྩ་འཛུགས་བྱས་ནས་གཞུང་ལུགས་སློབ་སྦྱོང་བྱེད་དུ་བཅུག་སྟེ་བསམ་བློ་གསར་བ་དང་འདུ་ཤེས་གསར་བ། ལྟ་བ་གསར་བ་བཅས་ངེས་པ་དོན་གྱིས་བློ་ལ་ངེས་སུ་བཅུག ཏང་ནང་དུ་ཞུགས་པའི་དམ་བཅའ་ལ་ཡང་བསྐྱར་ཕྱིར་དྲན་བྱས་ཤིང་བདུན་གཅིག་ལ་རྟེན་འབྲེལ་ཞུ་བ་སོགས་ཀྱི་བརྗོད་དོན་བྱེད་སྒོ་རམ་པ་རིམ་པ་སྤེལ་ཏེ་ལས་འཁྱུར་ངལ་གསོ་བྱེད་ལ་ཉེ་བའི་ཏང་ཡོན་ལས་བྱེད་པས་ཏང་གི་རྩ་བའི་འདུ་ཤེས་དང་འབད་བརྩོན་དམིགས་འབེན། དུས་རབས་གསར་བའི་གོམ་སྟབས་ཀྱི་རྗེས་སུ་སྙེག་པར་སྐུལ་སློང་བྱས། 

       རྒྱུས་ལོན་པ་ལྟར་ན།   མིག་སྔར་པད་མ་རྫོང་གི་ལས་འཁྱུར་ངལ་གསོ་བྱེད་ལ་ཉེ་བའི་ལས་བྱེད་པའི་ཏང་ཀྲི་པུའུ་ཡིས་ལས་བྱེད་པ་རྒན་གྲས་ཀྱི་དང་བླངས་ཞབས་ཞུའི་རུ་ཁག4བཙུགས་ནས་གྲོང་གསེབ་དར་སྤེལ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་།  དཔལ་ཡོན་གྲོང་ཁྱེར་  མི་རིགས་མཐུན་སྒྲིལ། མི་རབས་རྗེས་མར་སེམས་ཁུར་བྱེད་པ་སོགས་ཀྱི་གཙོ་གནད་ལས་དོན་ནང་ཞུགས་ནས་སོ་སོའི་ནུས་པ་མུ་མཐུད་དུ་འདོན་སྤེལ་བྱེད་དུ་བཅུག   དེ་དང་ཆབས་ཅིག་ཏང་ཀྲི་པུའུ་དེས་ད་དུང་འབྲེལ་ཡོད་ལས་དོན་ཨུ་ལྷན་གྱི་སློབ་གསོའི་རྟེན་གཞི10བཙུགས་ནས་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ལ་གསར་བརྗེའི་སྲོལ་རྒྱུན་སློབ་གསོ་དང་། ཕུགས་བསམ་དད་མོས། ཁྲིམས་སྐྱོང་དྲིལ་བསྒྲགས། ཉེན་བརྡའི་སློབ་གསོ་བཅས་བྱས་ཏེ་གཞོན་ནུ་ལོ་ཆུང་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་བར་ཁོར་ཡུག་བཟང་པོ་བསྐྲུན།།

 
རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།