ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་དམག་དཔུང་གིས་ཅ་ཧྲ་ས་ཁུལ་ལ་འཇབ་རྒོལ་བྱས་པ་ལས་ཉུང་མཐར་ཡང་མི39རྐྱེན་ལམ་དུ་ཤོར་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ། རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར། སྤེལ་དུས། : 2024-05-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཕ་ལེ་སི་ཐན་གསར་འགྱུར་ཁང་གིས་ཚེས16ཉིན་སྤེལ་བའི་གནས་ཚུལ་ལྟར་ན། དབྱི་སི་རལ་དམག་དཔུང་གིས་ཉིན་དེར་ཅ་ཧྲ་ས་ཁུལ་བྱང་རྒྱུད་ཀྱི་ས་ཁུལ་མང་པོ་ཞིག་ལ་འཇབ་རྒོལ་བྱས་པ་ལས་ཉུང་མཐར་ཡང་མི39རྐྱེན་ལམ་དུ་ཤོར། 

གནས་ཚུལ་སྤེལ་3924;ུང་གིས་ཚེས16ཉིན་ཅ་ཧྲ་ས་ཁུལ་བྱང་རྒྱུད་ཀྱི་ཅ་ཧྲ་གྲོང་ཁྱེར་གྱི་ས་ཁུལ་མང་པོ་ཞིག་ལ་འཇབ་རྒོལ་བྱས་པ་ལས་ཉུང་མཐར་ཡང་མི35རྐྱེན་ལམ་དུ་ཤོར་ཞིང་། དེའི་ནང་གསར་འགོད་པ་གཅིག་དང་ཉུང་མཐར་ཡང་བྱིས་པ10ཚུད་ཡོད།གཞན་3942;་1;པ་ལི་ཡེ་ཡི་སྡོད་ཁང;་སྟབས་ཉུང་མཐར་ཡང་མི4རྐྱེན་ལམ་དུ་ཤོར།

ཕ་ལེ་སི་ཐན་འཕྲོད་བསྟེན་པུའུ་ཡིས་ཚེས16ཉིན་སྤེལ་བའི་གསལ་བསྒྲགས་ནང་། དབྱི་སི་རལ་དམག་དཔུང་གིས་ཉིན་དེར་ཅོར་ཏན་གཙང་པོའི་ནུབ་ངོགས་ཀྱི་གྲོང་ཁྱེར་ཐུའུ་ལེ་ཁའེ་ཨེར་མུའུ་རུ་ཕ་ལེ་སི་ཐན་བ་དང་གདོང་ཐུག་བྱུང་སྟེ་དབྱི་སི་རལ་དམག་དཔུང་གིས་ཕ་ལེ་སི་ཐན་བལ་མེ་མདའ་བརྒྱབ་ནས་བསད་པ་རེད་ཅེས་འཁོད་འདུག

ཕ་ལེ་སི་ཐན་ཅ་ཧྲ་ས་ཁུལ་འཕྲོད་བསྟེན་སྡེ་ཁག་གིས་ཚེས16ཉིན་བསྒྲགས་པའི་གཞི་གྲངས་ལྟར་ན། ན་ནིང་གི་ཟླ10པར་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་འགལ་འདུ་རབས་གསར་པ་བྱུང་པ་ནས་བཟུང་དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་དུ་དམག་དོན་བྱ་སྤྱོད་སྤེལ་ཏེ། ཕ་ལེ་སི་ཐན་བ་ཁྲི3.52ལྷག་རྐྱེན་ལམ་དུ་ཤོར་བ་དང་མི་ཁྲི7.9ལྷག་ལ་རྨས་སྐྱོན་བཟོས་པ་རེད། །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།