ཀྲུང་གོ་བོད་ཀྱི་དྲ་བ།

ཕ་ཡུལ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར། རྩོམ་པ་པོ། : སྐེམ་པོ། སྤེལ་དུས།:2024-06-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཕ་ཡུལ་ཞེས་བྱའི་མིང་གི་རྗོད་པ་འདིས།།

བདག་དང་ཁྱོད་ཀྱི་ཞེ་རྩ་འགྱུ་བྱེད་ཀྱི།།

ཡང་ཡང་དྲན་པའི་ངང་ལ་ལོག་སེམས་ཀྱིས།།

རྒྱང་ནས་གདུང་བྱེད་ཡུལ་གྱི་མཆོག་གྱུར་པ།།

ཕ་ཡུལ་ཟེར་བ་ཕ་མེས་འཁྲུངས་བཞུགས་ཡུལ།།

གནའ་ནས་དེང་ལ་ཕ་ཁུའི་བླ་ཁྱིམ་སྟེ།།

ཡུལ་དུས་བསྐལ་བས་ཆོད་ཀྱང་བརྗེད་མེད་ཀྱི།།

རྗོད་བྱེད་ནང་ན་མཆོག་ཏུ་སྙན་པའི་སྒྲ།།

ན་ཆུང་དུས་ན་རྩེད་ར་ཆུང་ཆུང་སྟེ།།

ཆེན་པོའི་སྐབས་སུ་སྨྲ་བསམ་བརྗོད་མེད་པའི།།

ལོ་ཟླའི་ཁུགས་སུ་བསྙལ་བའི་སྣོད་བཅུད་ཀྱི།།

བཀོད་པ་རྫོགས་པ་འཇིག་རྟེན་སྣང་ཞེན་ཡུལ།།

ཕ་ཞེས་གངས་རིའི་སྲོལ་དུ་འགྲེང་བ་བཞུགས།།

མ་ཞེས་མ

ཤེས་མཛངས་གཉིས་ལྡན་ཡབ་ཡུམ་གཞིས་ཁྱིམ་འདི།།

སུ་ཞིག་ཡིད་ཀྱི་ཡུལ་ལ་མི་འཆར་རམ།།

རྟ་ནོར་ལུག་གི་ཁྱུ་དང་འགྲོགས་པ་ཡི།།

རང་བྱུང་འཁོར་ཡུག་སྒོ་གསུམ་འདྲིས་བདེ་བ།།

ཉི་ཟླ་རྣ་ཆར་བཏེགས་པའི་མཐོ་སྒང་པ།།

མི་ཡི་ཡུལ་དུ་རིགས་ཀྱི་བྱེ་བྲག་ཡིན།།

དཔྱིད་ཀྱི་སོན་འདེབས་དབྱར་གྱི་ཀེ་ས་ར།།

སྟོན་གྱི་སྙེ་མ་དགུན་གྱི་འདབ་དྲུག་པ།།

དུས་ཀྱི་བྱེ་བྲག་གསལ་བའི་ལྗོངས་ཆེན་ལ།།

མི་ཆགས་མི་ཡི་རིགས་སུ་གྱུར་པ་གང་།།

གནམ་ས་སྦྲེལ་བའི་གླུ་གདངས་ཕ་ལ་ཡོད།།

བརྒྱ་སྦྱིན་འཁུ་བྱེད་ཉམས་འགྱུར་མ་ལ་བདོག།

ཁྱོན་གསུམ་སྨྲ་བ་བཀག་པའི་ལང་ཚོ་ཡིས།།

གངས་རི་ར་བའི་བདག་པོས་སེམས་ཅན་མགུ།།

དྲང་པོའི་གཤིས་ཀྱི་གངས་རི་བརྟན་པ་གཅིག།

ལྷད་མེད་ངང་རྒྱུད་མཚོ་མོ་བྲི་མེད་གཉིས།།

ཡབ་ཡུམ་

རྗེས་ཆགས་བུ་ཡི་སྣང་བ་སིམ་མེ་བ།།

ལྷ་ས་ལྷ་ཡི་གནས་གཙང་ཉམས་དགའ་བ།།

མི་ས་མི་ཡི་ཡུལ་ན་ཞེན་འགྱུར་གྱི།།

སྙིང་ལ་སིམ་པའི་བདག་ཅག་ལོག་མལ་ཏེ།།

གོ་མཐར་ཕྱིན་ན

མི་ཡིས་མི་བཀུར་འཇིག་རྟེན་མི་ཆོས་དང་།།

དམ་པ་ལྷ་ཡི་ཆོས་ལ་འདུད་བྱེད་པའི།།

བདག་དང་གཞན་གཉིས་བརྗེ་བའི་སེམས་དཔའ་བ།།

གདོང་དམར་ག་ལ་བ་དེ་བདག་གི་ཡུལ།།

གནའ་ལ་གནའ་ཡི་སྲོལ་གྱིས་འཇུག་བྱེད་ཅིང་།།

དེང་ཡང་དེང་གི་སྲིད་ལུགས་འགྲོ་ཤེས་ཀྱི།།

དུས་བསྟུན་མདུན་སྐྱོད་ངང་ལ་འཚོ་བྱེད་པའི།།

ཕ་ཡུལ་ཞེས་བྱ་བདག་གི་དྲན་ཤིང་ལགས།།

ཁྱོད་རང་གར་འགྲིམ་ཕྱི་མིག་ལྟ་བའི་ཡུལ།།

ཉེ་རྒྱང་གང་དུ་ཞེ་ལ་ཐོགས་པའི་གཞིས།།

དང་པོའི་བག་ཆགས་བརྣགས་ཏེ་མི་འདོར་བ།།

ཕ་མ་བཞུགས་ཡུལ་དེ་ནས་སེམས་པ་ལུས།།

ཞོགས་པའི་བསང་གསུར་མཆོད་པའི་ཆོ་ག་དང་།།

སྲོད་ཀྱི་མར་མེ་སྦར་བའི་བཅའ་ཀ་དག།

དད་པའི་ཡུལ་ལ་འཚེངས་པའི་གོམས་ལུགས་དེ།།

ལྷུག་པ3853个

ཕ་ཡུལ་ཟེར་བ་བདག་གི་ལོག་མལ་ཏེ།།

གཞིས་ཁྱིམ་དྲོན་མོ་ཞེས་བྱ་ཁྱོད་ཀྱི་ཡུལ།།

རིང་སོང་གམ་དུ་གནས་སྙམ་སྡོད་ས་སྟེ།།

ཚེ་འདིར་རོ་ཡིས་མི་འདོར་ཞེན་ས་ཉིད།།

ཡུལ་ན་ཅི་ཡོད་ཕ་མའི་དད་སྟོབས་ཡོད།།

ཁྱིམ་ན་གང་བདོག་ཤུལ་བཞག་དངོས་པོ་མཆིས།།

ཞེ་ཁྲེལ་ཅན་གྱི་མི་ཡིས་མི་འདོར་བ།།

འཇིག་རྟེན་ཤོང་བའི་ཕ་ཡུལ་གཅིག་པུ་ལགས།།

ཇི་ལྟར་བརྒལ་ཡང་ཆོད་པ་མེད་པའི་ཡུལ།།

གང་ལྟར་འགྲིམ་ཡང་ལོག་པ་དགོས་པའི་གནས།།

འདས་དང་མ་འོངས་ད་ལྟ་གང་དུ་ཡང་།།

ང་རང་ཆགས་ས་ཕ་ཡུལ་འདི་ཉིད་ཨང་།།

ཁྱོད་ཀྱི་གཟུགས་པོ་ནམ་མཁའི་བྱ་འདི་ཉིད།།

གར་འཕུར་གྲིབ་མ་ལྷུང་ས་ཕ་ཡུལ་ཏེ།།

འཇིག་རྟེན་ལུགས་ཀྱི་རུས་སྒྲོམ་སྦེད་ས་གཅིག།

ཕ་ཡུལ་ལུང་པ་སེམས་ནས་མ་བརྗེད་ཀྱེ།།


 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།