ཀྲུང་གོ་བོད་ཀྱི་དྲ་བ།

གློག་སྐས་ཨང་བཞི་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར། རྩོམ་པ་:བྱང་ག སྤེལ་དུས།:2024-06-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གཅིག

འཚང་ཁ་མ་བྱེད། སྒོར་བུད་རྗེས་ནང་དུ་འཛུལ་རོགས། ”

དཔུང་རྟགས་དམར་པོའི་སྟེང་དུ་དོ་དམ་པ་ཞེས་ཡི་གེ་སེར་པོ་བྲིས་པའི་བུད་མེད་ཡར་གསེག་ཅིག་གིས་དེ་ལྟར་བཤད་པ་ན། གློག་སྐས་བཞི་པའི་ནང་གི་མི་རྣམས་ཕྱི་རུ་ཐོན་ཞིང་། སྒོ་འགྲམ་དུ་སྒུག་ཡོད་པའི་མི་རྣམས་ནང་དུ་བཙངས།

ཐོག་སོ་དྲུག་པ་གནོན་རོགས། ”

ཐོག་སོ་བཅུ་གཉིས་པ་གནོན་རོགས།”

བཅུ་དྲུག་པ།”

གློག་སྐས་ཀྱི་ཆེས་ཕུགས་སུ་གྲྭ་བ་གཉིས་ཡོད་པ་ལས་གཅིག་གིསཉི་ཤུ་པ་ཡང་གནོན་རོགས”ཞེས་བཤད་པ་ན། དོ་དམ་པས་བྱང་ཆ་དོད་པོའི་ངང་ནས་གློག་སྐས་ནང་གི་མི་རྣམས་འགྲོ་དགོས་སའི་ཐོག་སོའི་ཨང་ཀི་དག་རེ་རེ་བཞིན་མནན། གློག་སྐས་ཀྱི་སྒོའང་གཡས་ནས་གཡོན་དུ་དལ་གྱིས་བརྒྱབ། དོ་དམ་པ་བུད་མེད་དེས་སྨན་ཁང་གི་དོ་དམ་པའི་གཅིག་གྱུར་ལྭ་བ་ཆ་ཚང་ཞིག་དང་། ཞང་ཀང་ཉེན་རྟོག་པའི་ཞྭ་མོ་ལྟ་བུའི་གཞན་དང་མི་འདྲ་བ་ཞིག་གོན་ཡོད་པས། མོ་ནི་བལྟས་མ་ཐག་ཏུ་ཐོག་ཁང་འདིའི་དོ་དམ་པ་ཞིག་ཡིན་པ་ཤེས་ཐུབ་པར་མ་ཟད།ཞྭ་མོ་ཟུར་གསུམ་མའི་འོག་གི་སྐྲ་ལོ་ནི་འཇིལ་ལིར་བྱས་འདུག་ལ། མདོག་སེར་པོར་བྱུགས་པའི་སྐྲ་ལོར་བ3851;མ6;དབས་ཐམ;་ཟུར་དུ་རྒས་གཉེར་མང་པོ་ཡོད་པས་མོ་ལོ་ན་ལྔ་བཅུར་བུད་འདུག་པ་འདྲ་ལ།གྲོང་ཁྱེར་གྱི་བུད་མེད་ཡར་གསེག་དེ་དག་གི་ཚུགས་ཀ་ཞིག་ཀྱང་མ་བཅོས་རང་བཞིན་གྱིས་མངོན་འདུག

ཝེ། ཅུང་ཙམ་སྒུགས་རོགས།”

གཡས་ལག་གི་འགྱིག་ཁུག་ཏུ་གཙང་ཤོག་རིང་བོ་གང་དང་། གཡོན་ལག་ཏུ་བྱིས་པར་འོ་མ་ལྡུད་བྱེད་སོགས་ཡོ་བྱད་མང་པོ་ཐོགས་པའི་གསར་བུ་ཞིག་དང་མི་གཉིས་ལྷན་དུ་གློག་སྐས་བཞི་པའི་ཕྱོགས་སུ་བརྒྱུགས་ཏེ་ཐོན། གསར་བུ་དེ་གཉིས་ཀའི་གཟུགས་ཚད་ཕལ་ཆེར་གཅིག་མཚུངས་སུ་འདུག་ཅིང་། རྐང་ཐུང་དང་ཕུ་ཐུང་གོན་པའི་ཚུགས་ཀ་ནི་དཔེ་གསར་གྱི་ཉམས་དང་ལྡན་པ་ཞིག་རེད།

ཨ་ཨ། རྗེས་མ་ཆོད་དུས་གློག་སྐས་འདི་ཕྱིར་ཐོན་རྒྱུ་མེད།”

ངས་འུར་མི་རྒྱག་རྒྱུ་ན་ཤོར་སོང་།”

འོ་ལེ། སྨན་པས་ཀྱང་ཅ་ལག་འདི་དག་སྔུན་ཞིག་ནས་གྲ་སྒྲིག་བྱོས་ཞེས་བཤད་ཡོད་རྒྱུ་ན……”

ད་ཅི་ཡིན་ན་ཡིན། སེམས་བདེ་སོང་ནི་རེད།”

ད་ནི་བུ་ཞིག་སྐྱེས་པས་ཁྱེད་ཚང་གི་འདོད་ཐོག་ཏུ་བུད་སོང་བ་རེད། ཡུལ་མིར་བཤད་ནས་དུང་ཨེ་བུས།”

བཤད་ཟིན། བསང་ཡང་ཕུད་ཡོད་རྒྱུ་རེད།”

གསར་བུ་གཉིས་ཀྱི་གདོང་གི་འཛུམ་དང་ངག་གི་གཏམ་གང་ལ་བལྟས་ཀྱང་། བུ་ཞིག་སྐྱེས་པས་མྱོས་ཏེ་གློག་སྐས་ཀྱི་ནང་དུ་མི་མང་པོ་ཡོད་པར་ཡང་སྣང་དོགས་བྱེད་ཀྱིན་མི་འདུག ཁོ་གཉིས་བརྩིས་ཚེ་གློག་སྐས་འདི་རུ་མི་བཅོ་ལྔ་ལྷག་ཅིག་འདུག་པས། གལ་ཏེ་གློག་སྐས་འདིའི་མཐོངས་ནས་མར3934; 7;ུ་གུ་མང་པོ་;ོའི་ཁྲོད་ཀྱི་མི་ལ་ལ་ཞིག་ཁ་པར་གྱི་ནང་དུ་འཐོམས་འདུག་པས། རང་རང་འབབ་དགོས་སའི་ཐོག་སོར་སླེབས་འདུག་པའང་ཚོར་གྱིན་མི་འདུག

ཡ། ཐོག་སོ་དྲུག་པ་བུ་བཙའ་ཚན་ཁག་ལ་ཐོན་སོང་། འབབ་ནི་ཚོ་སྔུན་ལ་ཤོག”

གློག་སྐས་དོ་དམ་པས་དེ་ལྟར་བཤད་པ་ན། ནང་གི་མི་དག་གིས་ཕན་ཚུན་གྱི་གདོང་ལ་ལྟ་ཙམ་བྱས། གློག་སྐས་ཀྱི་སྒོ་དལ་གྱིས་ཕྱེ་བ་ན། སྒོ་ཁ་དེ་རུའང་སྨན་ཞབས་མ་གཉིས་ལངས་འདུག་ཅིང་། ཞྭ་མོ་དང་བཅས་པའི་ལྭ་བ་དཀར་པོ་མནབས་འདུག་པར་མ་ཟད་ལྷམ་ཡང་དཀར་པོ་ཞིག་གོན་འདུག་པས། གོས་དཀར་ཕོ་ཉ་ཞེས་པ་ནི་འདི་འདྲ་མིན་ནམ་སྙམ་པའི་སྣང་བ་ཞིག་བསྩལ་ཡོང་ལ། གཡོན་གྱི་བྲང་ཁུག་གི་གོང་དུ་རང་རང་གི་མིང་བྱང་དང་།དེའི་འོག་ཏུ་ཁ་དོག་མི་འདྲ་བའི་སྨྱུ་གུ་གསུམ་བཞི་ཞིག་བཏགས་འདུག སྨན་ཞབས་མ་དེ་གཉིས་དེ་ལྟར་གློག་སྐས་སུ་འབུད་གྲབས་བྱེད་སྐབས། གསར་བུ་ཆུང་ཆུང་དེ་གཉིས་བྲེལ་བྲེལ་འཚུབ་འཚུབ་ཀྱིས་གློག་སྐས་ལས་བུད་དེ་ཕར་ལ་བརྒྱུགས་ཤིང་།དེ་དང་ལྷན་དུ་སྐྱེས་པ་ཞིག་དང་བུད་མེད་ཅིག་ཀྱང་གློག་སྐས་ལས་བབས།སྨན་ཞབས་མ་གཉིས་ཀྱིས་ཕན་ཚུན་གྱི་རྣ་རྩར་ཤབ་ཤུབ་ཅིག་བཤད་ཞོར་གློག་སྐས་སུ་བུད།ཕུགས་སུ་ཡོད་པའི་གྲྭ་བ་དེ་གཉིས་ཀྱིས་ཁ་ཏོན་བྱེད་ཞོར་དུ། གློག་སྐས་ཀྱི་ནང་རོལ་དུ་འཆར་གྱིན་པའི་ཐོག་སོའི་ཨང་ཀི་ལ་ཡང་ཡང་ལྟ་བཞིན་འདུག

མ་བདེ་3851;ཡོད།”

འོ་ལེ། བྱིས་པ་ཕོ་མོ་ཅི་ཡིན་བཤད་ནས།”

ཕོ་མཆོག་མོ་དམན་གྱི་ལྟ་ཚུལ་རེད།”

འདི་ཚོའི་བཤད་སྲོལ་ལས་སྲོལ་རིག་ན་གཉེན་བསྒྲིག་རྒྱུར་ཡང་སྐྲག་གི”

དེང་སྐབས་གཉེན་མི་བསྒྲིག་མཁན་དང་བྱིས་པ་མི་བཙའ་མཁན་ཡོད་པར་ཡང་ཁག་མི་འདུག”

ད་ཁ་རོག”

སྨན་ཞབས་མ་གཉིས་ཀྱིས་དེ་ལྟར་བཤད་ཞོར་ཁོང་དགོད་ཅིག་བྱས་ཏེ་ཁ་པར་ངོས་ལ་ཅེར་ནས་བསྡད།

གཉིས།

ཐོག་སོ་བཅུ་གཉིས་པར་ཐོན་སོང་། འབབ་ནི་ཚོ་སྔུན་ལ་ཤོག”

ལུས་ཕུང་བརྟག་དཔྱད་ཚན་ཁག་ཡོད་སའི་ཐོག་སོ་བཅུ་གཉིས་པར་ཐོན་པས། གློག་སྐས་དོ་དམ་པས་ཡང་བསྐྱར་སྐད་གསང་མཐོན་པོས་བོས་བྱུང་། ཐོག་སོ་འདིར་ཕྱི་ལ་འབུད་མཁན་གཅིག་ཀྱང་མི་འདུག་ཁར། གློག་སྐས་ཀྱི་ནང་དུ་ཡོད་པའི་མི་ཚང་མ་ཕྱིར་ནུར་ཏེ། སུ་ཞིག་ནང་དུ་འབུད་པར་བལྟས་ནས་བསྡད།

རྒན་མོ། ཐོན་ཐལ། འདི་ཨེ་རེད།”

ཡིན་རྒྱུ་རེད།”

ཡ། ང་ལ་འཇུས། ”

ལོ་ན་དྲུག་ཅུ་བརྒལ་འདུག་པའི་བགྲེས་སོང་གཉིས་དེ་ལྟར་གློག་སྐས་སུ་འཛུལ། བགྲེས་པོ་ནི་འཁར་བ་ཞིག་ལ་ཁེན་འདུག་ཅིང་། བགྲེས་མོས་ཀྱང་མིག་ཤེལ་ཞིག་གོན་འདུག་པར་བལྟས་ན། མོའི་མིག་གིས་དེ་ཙམ་མི་རིག་པ་འདྲ་ལ། བགྲེས་པོས་ཀྱང་རྣ་ཡིས་དེ་ཙམ་གོ་ཡི་མི་འདུག་པ་འདྲ།

ཅི་ཟེར། ཁྱོད་ཀྱི་སྐད་མགོ་མཐོ་རུ་ཆུགས། ”

འོ། ད་ཁྱོད་ཀྱི་ཁྲག་གི་ནང་དུ་ཅང་མེད་ན་བཟང་གི ཁྱོད་ཀ་ར་བཟའ་རྒྱུར་དགའ་བས། ངས་ཁྱོད་ལ་གཅིན་སྙི་ཟ་ཁུ་བྱུང་ཡོད་ངེས་བསམས་པ་ཡིན།”

གློག་སྐས་ནང་རོལ་གྱི་མདུན་ཐད་དུགློག་སྐས་ནང་དུ་ནད་གཞི་མི་གླེང་བར་ཞུ”ཞེས་རྒྱ་བོད་དབྱིན་གསུམ་གྱིས་གསལ་པོར་བྲིས་འདུག་ནའང་། གློག་སྐས་འདི་རུ་དེ་ལ་ཁ་ཡ་བྱེད་མཁན་ཕལ་ཆེར་མི་འདུག

ཕྱི་ནད་ཚན་ཁག་ལ་ཐོན་ཨེ་བྱུང་།”

ད་ཐོན་ལ་ཉེ།”

ངས་ཁོ་ལ་ཆང་འཐུང་ན་རླངས་འཁོར་མ་བསྐོར་ཞེས་ནན་བཤད་བྱས་ཡོད།”

བཀོད་པ་ཅི་ཡོད། ད་རང་རང་གི་ལས་དབང་རེད།”

འོ་ལེ། ཚེ་མཇུག་ལ་ཞ་བོར་གྱུར་སོང་བ་རེད།”

འ“

དེང་སང་དོན་དག་མ་བྱུང་ཡང་སྒྲིག་ལམ་བཙན་ནི་རེད།”

ལག་ཏུ་སིལ་ཏོག་ཁུག་མ་གང་བཟུང་བའི་ན་གཞོན་དེ་དང་། བྱ་སྒོང་རྡར་ཚན་ཉིས་བརྩེགས་ཤིག་བཟུང་བའི་ན་གཞོན་དེ་གཉིས་ནི་ཧ་ལམ་སློབ་མ་གཉིས་ཡིན་ཚོད་འདུག ན་གཞོན་གཅིག་གིས་མིག་ཤེལ་ཞིག་གོན་ཡོད་ཅིང་རྒྱབ་ཏུ་ཁུག་མ་ནག་པོ་ཆུང་ཆུང་ཞིག་ཁུར་འདུག་ལ། འཁུར་ལོང་གི་སྟེང་དུ་ལྒང་ལི་རྩེད་མཁན་རྗེན་མོའུ་སི་ཡི་འགེལ་རིས་ཆུང་ཆུང་ཞིག་ཀྱང་བཏགས་འདུག གཞན་དེས་མིག་ཤེལ་ནག་པོ་ཞིག་རྣའི་ཕྱི་ལྟག་ནས་སྔུན་སར་དྲངས་ཤིང་།སྨུག་མདངས་ཆེ་བའི་སྐེ་ལ་རྣ་ཉན་ཆེན་པོ་ཞིག་བཀལ་འདུག ཁོ་གཉིས་ཀྱི་ཆ་ལུགས་མི་འདྲ་ཡང་དམིགས་ས་གཅིག་པ་འདྲ་སྟེ། འཁོར་བགེགས་བྱུང་བའི་གྲོགས་པོ་དང་ནང་ཚགས་ཀྱི་མི་གང་རུང་ཞིག་གི་སར་བསྙུན་འདྲིར་འགྲོ་བཞིན་འདུག

གསུམ།

ཐོག་སོ་བཅུ་དྲུག་པར་ཐོན་སོང་། འབབ་ནི་ཚོ་སྔུན་ལ་ཤོག ”

དོ་དམ་པས་ཡང་བསྐྱར་སྐད་གསང་མཐོན་པོས་དེ་ལྟར་བཤད་པ་ན། དྲུག་ཐོག་ནས་ནང་ལ་བུད་པའི་སྨན་ཞབས་མ་དེ་གཉིས་སྔུན་ལ་ནུར་ཙམ་བྱས་ཤིང་། སིལ་ཏོག3988;ུན་ལ་བཙངས་ཏེ་2;ོ་བཅུ་དྲུག་པ་སྟེ།ཕ;ུས་གློག་སྐས་ཀྱི་སྒོ་སྔར་བཞིན་དལ་བྲེལ་མེད་པར་གཡས་ཕྱོགས་སུ་ཕྱེ་ཞིང་།སྨན་ཞབས་མ་གཉིས་དང་ལོ་ཆུང་དེ་གཉིས་ཀ་གློག་སྐས་ལས་བབས། སྒོ་ཁར་ལངས་ཏེ་བསྡད་ཡོད་པའི་སྨན་པ་ཞིག་གིས་ཁ་པར་གཏོང་བཞིན་གློག་སྐས་ཀྱི་ནང་དུ་བུད། དོ་དམ་པས་མགོ་བོ་སྒུར་ཙམ་བྱས་ནས་སྨན་པ་དེར་འཛུམ་ཞིག་བསྟན།

ནད་པར་གསང་ན་བཟང་། ནད་དང་སེམས་གཉིས་མཉམ་དུ་གསོ་དགོས་ནི་རེད། འོ་ལེ། ཕོ་བའི་སྐྲན་ནད་འདི་དྲག་ཐུབ་པའི་ཐབས་ཤིག་མིག་སྔར་མི་འདུག་པས། ད་ཡུལ་ལ་ཁྲིད་ནས་འཕོ་བ་ཞིག་ཞུས་ན་ལེགས་པར་སྙམ།”

སྨན་པ་དེས་སྐད་མགོ་དམའ་མོ་ཇི་ལྟར་བྱས་ཀྱང་། སྨི་གྲུ་བཞི་མ་བཅུ་གྲངས་ཀྱང་མེད་པའི་གློག་སྐས་དེའི་ནང་དུ་ཡོད་པའི་མི་ཐམས་ཅད་ཀྱིས་ཁོའི་བཤད་ཚད་མ་ལུས་གསལ་ལྷང་ངེར་གོ་ཐུབ།

ཡ་ཡ། ང་གློག་སྐས་ཀྱི་ནང་དུ་ཡོད་པས་སྟབས་བདེ་མ་རེད།”

སྨན་པ་དེས་དེ་ལྟར་ཁ་པར་གཏོང་མཚམས་བཞག་ནས་གཡས་གཡོན་ཀུན་ལ་ལྟ་ཙམ་བྱས་ཏེ། ཅུང་དོགས་མ་བདེ་བའི་ཚུལ་གྱིས་ཁུག་མའི་ནང་དུ་ཡོད་པའི་ལག་པ་གཡོན་པ་ཕྱིར་བླངས་ཏེ། ལག་པ་གཉིས་ཀས་ཁ་པར་ལ་རེག་རེག་བྱེད་བཞིན་གམ་དུ་ལངས་ནས་ཡོད་པའི་སྐྲ་ལོ་སེར་པོའི་ཕྱི་གླིང་པ་དེ་གཉིས་ལ་འཛུམ་ཞིག་བསྟན། ཡུད་ཙམ་གྱི་རིང་ལ་གློག་སྐས་ཐོག་སོ་བཅུ་དྲུག་པ་ནས་ཐོག་སོ་ཉི་ཤུ་པ་ཁོང་ནད་ཚན་ཁག་ཏུ་ཐོན་ལ་ཉེ།

འོ་ལེ། བཤའ་བཅོས་ཁང་དུ་འཁྲིད་པ་ནི་གཤིན་རྗེ་འཕྲང་ལ་འགྲོ་བ་དང་ཨ་ན་མ་ན་རེད།”

ཕུགས་ཀྱི་གྲྭ་3964;ག་པ་6;ྱི་ཕྲེང་བ་བ;ང་ཡོད་པའི་རྒད་པོ་རལ་པ་ཅན་དེས། རང་གི་འགྲོ་རོགས་རྒད་པོ་སྨྲ་ར་ཅན་དེ་ལ་དེ་ལྟར་བཤད།

དེ་འདྲའི་འཇིགས་སུ་རུང་བ་ཞིག་ཨེ་ཡིན་ནམ།”

ལོས་ཡིན། སྨན་ཁང་དུ་འདུག་རོགས་སྙོར་རོགས་མང་ན་ཡང་མར་ནང་ནས་བ་སྤུ་བཏོན་པ་བཞིན་རང་ཉིད་གཅིག་པུ་འགྲོ་དགོས། སྨན་ཞབས་མས་ནད་ཁྲི་དང་ལྷན་དུ་དྲུད་ནས་འགྲོ་དུས་གཤིན་རྗེ་ལས་མཁན་གྱིས་གཤིན་རྗེའི་དྲུང་དུ་འཁྲིད་པ་དང་འདྲ། ནང་དུ་སོང་ན་རྒྱ་སྐད་ཚིག་གཅིག་ཀྱང་མི་གོ་བས། བར་དོའི་འཕྲང་དུ་མགོན་མེད་སྐྱབས་མེད་ངང་བླ་འཁྱམས་ནས་སྡོད་དགོས་པ་དང་འདྲ། ཡང་སྨན་པ་དང་སྨན་ཞབས་མ་དག་གིས་སྐམ་པ་དང་ཁེ་གྲི་སོགས་བཟུང་སྟེ་མཐའ་ནས་བསྐོར། གློག་འོད་གསལ་ཐག་ཆོད་པ་དེ་ཀླད་ནས་མར་ལ་བཀར་དུས། གཤིན་རྗེ་ལས་མཁན་དག་གི་ལག་ཏུ་མདའ་མདུང་གྲི་གསུམ་ཐོགས་ནས་མཐའ་བསྐོར་བ་དང་ཨ་ན་མ་ན་རེད། བཤའ་བཅོས་ལེགས་འགྲུབ་བྱུང་ན་གསོན་པ་དང་། ལེགས་འགྲུབ་མ་བྱུང་ན་འཇིག་རྟེན་དང་གཏན་བྲལ་བྱུང་བ་ཡིན་པས། བར་མ་དོ་ན་གར་འགྲོ་རང་དབང་མེད་པའི་བྱ་སྤུ་རླུང་འཁྱེར་དང་གཅིག་འདྲ་རེད།”

དེ་ལྟར་བཤད་ན་དེའང་བདེན་འདུག”

རྒད་པོ་སྨྲ་ར་ཅན་དེས་རང་གི་བོད་ལྭའི་སྐ་རགས་ལ་འཇུས་ཏེ་གསིག་འཐེན་འགའ་བྱས་རྗེས། གཡས་ལག་ཡང་བསྐྱར་རུམ་ལ་བཏང་ནས་རུམ་ཁ་མར་ལ་ཕབ་སྟེ་གློག་སྐས་ལས་འབུད་གྲབས་བྱས། ཕྲེང་བ་བཟུང་བའི་རྒད་པོ་དེས་ཀྱང་གཡས་ལག་གིས་རང་གི་གཡོན་གྱི་ཕྲག་ཁའི་ལྭ་བ་ནས་འཐེན་ཙམ་སྒོས། ཐོད་པ་ནས་མར་ལ་བྱུགས་བྱུགས་ཤིག་དང་བཅས་གཟབ་ཉམས་དོད་པོར་བསྡད་འདུག

བཞི།

ཐོག་སོ་ཉི་ཤུ་པ་ལ་ཐོན་སོང་། འབབ་ནི་ཚོ་སྔུན་ལ་ཤོག ”

དོ་3851;ལྟར་6;་ཕུགས་;ས་ཕུང་བརྟག་དཔྱད་ཚན་ཁག་ནས་ནང་ལ་བུད་པའི་བགྲེས་སོང་གཉིས། ཐོག་སོ་བཅུ་དྲུག་པ་ཕྱི་ནད་ཚན་ཁག་ནས་བུད་པའི་སྨན་པ་དེ། གཞན་གོང་དུ་ཁ་བརྡ་བྱེད་བཞིན་པའི་འབྲོག་པ་དེ་གཉིས་སོགས་མི་བཅུ་ལྷག་འདུག

འདི་ན་བསྔོ་བ་ཞིག་འདོན་ས་ཨེ་ཡོད་དམ། ”

ནད་ཁྲིའི་སྔས་ནས་འདོན་དགོས་རྒྱུ་རེད།”

སྨན་ཁང་གིས་འདོན་དུ་འཇུག་ཨེ་སྲིད་དམ།”

ཅི་ཤེས། སོང་ནས་བལྟ་དགོས་ནི་རེད།”

འཆི་བ་མགོར་བབས་ན་བཀོད་པ་ཅི་ཡོད། ཁ་སང་ད་དུང་ཁ་པར་བཏང་སྟེ་བདེ་ཐོག་རེད་ཟེར།”

འོ་ལེ། ད་ནངས་གློ་རྡེག་རེད་ཟེར། ”

ཚེ་འདས་ཀྱི་སྐར་མའང་འདི་ཞིག་ནས་བཀོད་པ་འཐེན་དགོས་རྒྱུ་རེད།”

འོ་ལེ།ཉལ་ས་དྲོན་མོ3938;ུང་།”

འོ་ལེ་མོད། ད་འཇིག་རྟེན་མི་རྟག་པ་རེད། བསམ་དབང་དྲན་དབང་ཡོད་ནི་མ་རེད།”

རྒྱབ་ལ་ཁུག་མ་སེར་པོ་རེ་ཁུར་ཡོད་པའི་གྲྭ་བ་དེ་གཉིས་ཀྱིས། གཟན་ཤམ་གྲ་དག་ཅིག་མནབས་ཡོད་པར་མ་ཟད། རྐང་ལ་ཡང་ཡུལ་སྐད་དུ་མགོ་ལུ་ཞེས་འབོད་པའི་གནའ་ལྷམ་ལྕི་མོའི་རིགས་དེ་གོན་འདུག་པས། གློག་སྐས་ལས་བབས་ཚར་བའི་སྔོན་གྱི་གསར་བུ་ཆུང་ཆུང་དེ་གཉིས་དང་བསྡུར་ན། དངོས་གནས་འཇིག་རྟེན་མི་འདྲ་བ་གཉིས་ཀྱི་མི་དང་འདྲ། དེ་ལྟར་ཡང་གྲྭ་བ་དེ་གཉིས་ཀྱིས་སྔར་བཞིན་ལག་གི་ཕྲེང་བ་བགྲང་བཞིན། གདོང་ལ་སྐྱོ་སྣང་གིས་ཁེངས་ཤིང་གཞན་གྱི་མིག་ཟུང་དང་ཁ་བརྡ་ལའང་དོ་སྣང་དེ་ཙམ་བྱེད་ཀྱིན་མེད་པར་དེ་སྐད་བཤད་བྱུང་།

ཨོ། ད་ཐོན་སོང་།”

“ཡ་ཡ……”

གློག་སྐས་ཀྱི་སྒོ་ལ་འགྱུར་བག་ཅི་ཡང་མེད་པར་སྔར་བཞིན་དལ་གྱིས་ཕྱེ་བའི་མོད་ལ། ཁ་བརྡ་བྱེད་ཀྱིན་པའི་གྲྭ་བ་གཉིས་དང་སྨན་པ་དེ་གློག་སྐས་ནས་མ་བབས་གོང་། འབྲོག་པ་དེ་གཉིས་སྔ་གཞུག་ལྟར་གློག་སྐས་ལས་བབས་ཤིང་། དེའི་འཕྲོར་ཕྱི་གླིང་པ་དེ་གཉིས་ཀྱང་གློག་སྐས་ལས་བབས། ད་ནི་གློག་སྐས་བཞི་པ་རུ་དོ་དམ་པ་དང་བགྲེས་སོང་དེ་གཉིས་མ་གཏོགས་ལྷག་མི་འདུག

ལྔ།

ཁྱོད་གཉིས་གང་ལ་འགྲོ་དགོས།”

ཨ།ཅི་ཟེར།”

འདི་ཐོག་སོ་ཆེས་ཐོག་མ་དེ་རེད།”

ཨོ། ཡར་ལ་བུད་སོང་བ་ཨེ་རེད།”

ཁྱོད་གཉིས་མར་ལ་འགྲོ་དགོས་སམ། ”

མ་གཞི་བགྲེས་སོང་དེ་གཉིས་ཀྱིས་ལུས་ཕུང་བརྟག་དཔྱད་བྱས་རྗེས། ཐུར་བགྲོད་གློག་སྐས་སུ་བུད་ནས་ཡུལ་ལ་ལོག་འཆར་ཡིན་ཡང་། གོ་ལོག་བརྡ་ལོག་དང་ཉན་ལོག་ལྟ་ལོག་ཏུ་ཕྱིན་ནས་ཡར་བགྲོད་གློག་སྐས་སུ་བུད་པའི་རྐྱེན་གྱིས། ཁོ་པ་གཉིས་ཀྱིས་ཡང་བསྐྱར་སྨྲ་བསམ་བརྗོད་འདས་ཀྱི་གོ་རིམ་དེ་དག་སླར་ཡང་ཐེངས་ཤིག་བརྒྱུད་དགོས་བྱུང་།

ངས་ད་ཅི་འདི་ཡར་འགྲོ་རེད་ཅེས་མ་བཤད་དམ།”

ངས་མ་རིག་ནི་རེད།”

མིག་གིས་མི་རིག་ནའང་རྣ་ཡིས་ལོས་གོ”

ལོས་གོ ཁོ་ཚོའི་ཁ་བརྡ་ཚང་མ་ངས་གོ་ཐལ།”

ཅི་ཟེར་གྱིན་འདུག ངས་མ་གོ་ཐལ།”

ངས་གོ་ཐལ་ཡ།”

ཁྱོད་ཀྱིས་ལོས་གོ ངས་རང་གིས་མ་གོ་ཐལ་ཟེར་བཞིན་ཡོད།”

གོ་ཐལ། གོ་ཐལ།”

ད་ཐོན་ལ“

འཆུག་མེད་འཆུག་མེད། ཚེ་གང་བོར་ལེ་བདའ་ཏག་ཏག”

ཅི་ཟེར། ཁྱོད་འདི་ལས་ངན་ཞིག་རེད།”

འོ།ད་མ་བ་ཐལ། ”

གློག་སྐས་ནི་ཡར་ལ་བགྲོད་དུས་ཅུང་འགོར་ཡང་། ཐུར་ལ་འབབ་དུས་སྐར་མ་འགའ་ཡང་མི་དགོས་པས་སྐད་ཅིག་གི་ཡུན་དུ་གཅིག་ཐོག་ལ་ཐོན། གློག་སྐས་ཀྱི་སྒོ་སྔར་བཞིན་དལ་གྱིས་ཕྱེ་ཞིང་། བགྲེས་སོང་གཉིས་ཀྱིས་མངར་བསྐྱུར་འདྲེས་མའི་ཁ་བརྡ་བྱེད་ཀྱིན་འདུག་ཀྱང་། གམ་གྱི་གློག་སྐས་དོ་དམ་པས་བྱང་ཆ་ལྡན་པའི་སྒོ་ནས་ཀོ་ལྷམ་ནག་པོའི་ནང་དུ་རྐང་འབོབ་དམར་པོ་ཞིག་གོན་པའི་རྐང་པ་གཡས་པ་དེ་གློག་སྐས་ཀྱི་སྒོ་ནང་དུ་བསྲིངས་ཏེ།གློག་སྐས་ཀྱི་སྒོ་རང་འགུལ་གྱིས་རྒྱག་པ་འགོག་ཞོར་དུ་བལ་སྐུད་དམར་པོ་ཞིག་གིས་ལྭ་བ་སོ་མ་ཞིག་སླེ་བཞིན་བགྲེས་སོང་གཉིས་གློག་སྐས་ནས་འབབ་པར་བསྒུགས་ནས་འདུག

རྒན་མོ། ད་ཐོན་འདུག འགྲོ། ”

ད་ཐེངས་འཆུག་མ“

ཅི་ཟེར། ཡང་འཆུག་འདུག་གམ། ”

ངས་ཁྱོད་ལ་འཆུག་མེད་དམ་ཞེས་དྲིས་པ་ཡིན།”

འཆུག་འདུག་ན་ད་རུང་མ་འབབ། ”

འཆུག་མི་འདུག ངས་རིག་ནི་རེད།”

རིག་གམ། ངས་གསལ་པོ་ཞིག་གོ་མ་སོང་།”

འོ་ལེ། འཆུག་མེད། ”

ཨ་མ་བགྲེས་མོས་སྐད་གསང་མཐོན་པོས་ཁྱོ་བོ་ལ་འགྲེལ་བཤད་རྒྱག་གིན་འདུག་ལ། ཁྱོ་བོ་འཁར་བ་ལ་བརྟེན་ཞིང་བགྲེས་མོ་ཁྱོ་བོར་ཁེན་བཞིན་གློག་སྐས་ལས་བབས་བྱུང་། སྨན་ཁང་གི་གློག་སྐས་སོ་སོ་ལ་ཨང་རྟགས་བརྒྱབ་སྟེ་ཚན་ཁག་གང་དག་ལ་ཐོན་མིན་ཡང་གཏན་འཁེལ་བྱས་ཡོད་པས། གོང་གི་ཚན་ཁག་དེ་དག་ལ་བགྲོད་ཐབས་ཉག་ཅིག་ལས་མེད་པའི་གློག་སྐས་བཞི་པའི་སྒོ་ཁ་རུ། རྒྱུས་ཡོད་མེད་ཀྱི་མི་རྣམས་སྔར་བཞིན་སོག་སོག་སོག་ཏུ་འཚང་ཁ་རྒྱག་བཞིན་འདུག །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།