མཚོ་སྔོན་གྱི་བཅོས་བསྒྱུར་དང་ཞིང་ཆེན་ཡོངས་ཀྱི་ཏང་གི་སློབ་གྲྭའི་ཁོངས་གཏོགས་རིག་མཛོད་མནའ་འབྲེལ་གྱི་བགྲོ་གླེང་ཚོགས་འདུ་བསྡུས།
2024.06.17 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།0

 ཟླ6ཚེས14ཉིན། མཚོ་སྔོན་གྱི་བཅོས་བསྒྱུར་དང་ཞིང་ཆེན་ཡོངས་ཀྱི་ཏང་གི་སློབ་གྲྭའི་ཁོངས་གཏོགས་ཀྱི་རིག་མཛོད་མནའ་འབྲེལ་བགྲོ་གླེང་ཚོགས་འདུ་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་ཏང་གི་སློབ་གྲྭའི་སློབ་གཙོ་ཀྲའོ་ཡུའེ་ཞཱ་མགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ཐེངས་འདིའི་བགྲོ་གླེང་ཚོགས་འདུ་ནི་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་བཅོས་བསྒྱུར་གཞུང་སྒྲུབ་ཁང་གིས་གཙོ་སྒྲུབ་བྱས་པ་དང་། ཀྲུང་གོའི་བཅོས་བསྒྱུར་འཕེལ་རྒྱས་ཞིབ་འཇུག་གླིང་གིས་རྒྱབ་སྐྱོར་བྱས་ཤིང་། མཚོ་སྔོན་བཅོས་བསྒྱུར་འཕེལ་རྒྱས་ཞིབ་འཇུག་གླིང་གིས་འགན་སྒྲུབ་བྱས། ཐོན་སྐྱེད་ནུས་ཤུགས་གསར་མས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་བ་བརྗོད་བྱ་གཙོ་བོར་བརྩིས་ཏེ། གཙོ་དོན་གཏམ་བཤད་དང་བརྗོད་བྱ་གཙོ་བོའི་གླེང་སྟེགས་ཀྱི་རྣམ་པ་བརྒྱུད་ནས།  ཐོན་སྐྱེད་ནུས་ཤུགས་གསར་མའི་རིགས་པའི་གཞུང་ལུགས་ལ་ངོས་འཛིན་དང་ལག་ལེན་འཚོལ་ཞིབ་གཏིང་ཟབ་བྱེད་པ་དང་། ཇི་ལྟར་བྱས་ནས་ས་ཁུལ་གྱི་ཐོན་ཁུངས་དང་ནུས་ཁུངས་ཀྱི་ཁྱད་སྟོབས་འདོན་སྤེལ་བྱེད་པར་ཞིབ་འཇུག་བགྲོ་གླེང་བྱས་ཏེ།   མཚོ་སྔོན་འཕེལ་རྒྱས་གཏོང་བའི་དོན་དངོས་དང་མཐུན་ཞིང་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཐོན་སྐྱེད་ནུས་ཤུགས་གསར་མ་གསོ་སྐྱོང་བྱེད་པ་དང་།    ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཐད་མངག་བཅོལ་ལག་ལེན་དང་ལེའུ་གསར་བ་བྲིས།

བགྲོ་གླེང་ཚོགས་འདུའི་སྐབས་སུ། ཞིང་ཆེན་ཕྱི་ནང་གི་ཆེད་མཁས་པ21གིས་བརྗོད་བྱ་གཙོ་བོར་དམིགས་ནས་མཉམ་དུ་བགྲོ་གླེང་དང་བརྗེ་རེས་བྱས།  ཚང་མས་བལྟས་ན།  ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་དང་དེ་མིན་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་ངོས་འཛིན་བྱེད་ཚད་གཏིང་ཟབ་ཏུ་ཕྱིན་ཏེ། མཐོང་རྒྱ་ཡངས་པོར་ཕྱེས་པ་དང་།  བསམ་ཕྱོགས་རྒྱ་བསྐྱེད་པ།  སྔོན་མཐོང་གི་བསམ་གཞིགས་དང་འཐབ་ཇུས་ཀྱི་བསམ་གཞིགས། གསར་སྐྲུན་གྱི་བསམ་གཞིགས།  བཅོས་སྒྱུར་གྱི་འདུ་ཤེས་བཅས་ཇེ་དྲག་ཏུ་གྱུར་བ་དང་།  ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་ཇེ་དྲག་ཏུ་སོང་བར་འདོད།  ཚང་མས་གཅིག་རྗེས་གཉིས་མཐུད་དུ་བཤད་རྒྱུར།   བགྲོ་གླེང་ཚོགས་འདུའི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་དཔྱད་གཞིར་འཛིན་པ་དང་བེད་སྤྱོད་ཡག་པོ་བྱས་ཏེ། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱེད་པ།  བཅོས་སྒྱུར་གསར་སྐྲུན་བྱེད་ཕོད་པ་བཅས་བྱས་ཏེ། ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་ལེགས་ཆ་དེ་ལྗང་མདོག་ཐཱན་ཉུང་གི་ལེགས་ཆར་བསྒྱུར་ནས།  མཚོ་སྔོན་གྱིས་ཐོན་སྐྱེད་ནུས་ཤུགས་གསར་མའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་།  སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཟེར།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།